1 月 01

怙主卡盧仁波切長壽祈禱文

ན་མོ་གུ་རུ།
NAMO GURU
拿莫古如!
頂禮上師!

རྒྱལ་བ་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་འཆང་།
JAL WA CHAP DAK CHOM DEN DOR IE CHANG
加瓦恰達炯丹多傑強
勝者遍主世尊金剛持

།བཀའ་གཏེར་དག་སྣང་རང་རིག་ཡི་དམ་ལྷ།
KA TER DAK NANG RANG RIK YI DAM LHA
嘎德達囊讓日亦當拉
教藏淨相自明本尊神

།མཐུ་རྩལ་ལས་བཞིའི་རོལ་པ་ཆོས་སྲུང་ཚོགས།
TU TSAL LAY ZHI ROL PA CHO SUNG TSOK
圖匝雷希柔巴卻頌措
妙力四業舞者護法眾

།དམིགས་མེད་རོལ་པ་ཆེན་པོའི་ཀློང་ནས་དགོངས། །
MIK MAY ROL PA CHEN PO LONG NAY GONG
密美柔巴欽貝龍內恭
無緣廣大遊戲界中念

གྲངས་མེད་དུ་མར་གོམས་པའི་ཡེ་ཤེས་ཀྱིས།
DRANG MAY DU MAR GOM PAY YE SHE CHI
帳美度瑪貢貝耶些極
無量劫中熏習之本智

།སྣ་ཚོགས་གང་འདུལ་དེར་སྟོན་སྤྲུལ་པའི་སྐུ།
NA TSOK KANG DUL DER TON TRUL PAY KU
那措岡對代敦珠貝穀
種種調伏於此現化身

།སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་བླ་མ་རྗེ།
DRUP JU TEN PAY SOK SHING LA MA JE
珠居丹貝所星拉瑪傑
實修傳承教法命脈師

།ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །
SHAP PAY TEN CHING DZAY TRIN JE JUR CHIK
暇貝丹竟賊陳傑就極
祈願足蓮穩固事業興

བདག་གི་རྣམ་དག་མོས་བློའི་ལྷག་བསམ་དང་།
DAK GI NAM DAK MO LO LHAK SAM DANG
達個囊達某羅拉桑當
我之清淨信願赤誠心

།ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་ཀྱིས།
CHO NYI NAM PAR DAK PAY DEN TOP CHI
卻尼囊巴達貝訂奪極
法性清淨無染諦實力

།ཇི་ལྟར་སྨོན་པ་མཐའ་དག་ལྷུན་འགྲུབ་ཅིང་།
JI TAR NAM PA TA DAK LHUN DRUP CHING
極達門巴塔達輪珠竟
一切發願任運皆成就

།དགེ་མཚན་སྲིད་ཞིའི་དཔལ་དུ་འབར་གྱུར་ཅིག །
GE TSEN SI SHI PAL DU BAR JUR CHIK
給燦思希拜度巴就極
善兆吉祥熾燃於有寂。

དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་མཆོག་གི་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན་སྨོན་ཚིག་འདི་བཞིན། ཡབ་སྐུ་ཚ་རྒྱལ་མཚན་གཙོས་སློབ་འབངས་སེར་སྐྱ་རྣམས་ནས་བསྐུལ་བ་བཞིན། ཏཱ་ཡི་སི་ཏུ་པས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ། ། །
具德上師正士至尊卡盧仁波切轉世之長壽祈禱文,乃應其父嘉晨(上一世卡盧仁波切之侄)為主的僧俗眾弟子所請,大司徒仁波切造,願如是成就!
仁青貢布譯